Tuesday, March 23, 2010

ང་ཚོ་བོད།།


གྲོགས་པོ་ཚོ། བརྗིད་ཆགས་བལྟ་ན་སྡུག་པའི་ཕོ་བྲང་འདི་ནི། ང་ཚོ་བོད་གངས་ཅན་པའི་ཕ་མཁར་ཏེ། རྩེ་ཕོ་བྲང་པོ་ཏཱ་ལ་རེད།
ད་དུང་། ས་གཞི་གཙང་ལ་ནམ་མཁའ་དྭངས་པའི་མཐོ་སྒང་གི་འཇིག་རྟེན་འདི་ནི། ང་ཚོ་བོད་གངས་ཅན་པའི་ཕ་ཡུལ་ཏེ། བོད་ཁ་བ་ཅན་གྱི་ཞིང་ཁམས་རེད།
ངའི་སྙིང་བའི་བོད་རིགས་སྤུན་ཟླ་ཚོ། ང་ཚོ་མྱུར་དུ་བོད་ལ་འཛོམས་འགྲོ། ང་ཚོ་མཐོ་སྒང་གི་ཞིང་ཁམས་དེར་གཞིས་བྱེས་ལྷན་འཛོམས་ཀྱི་དགའ་སྟོན་བྱེད་དུ་འགྲོ།
བཀྲ་ཤིས་བདེ་ལེགས། ང་ཚོས་སེམས་ཁོངས་ཀྱི་རེ་བ་དང་རྨི་ལམ་ཡོད་ཚད། ལྷག་བསམ་དང་། སྙིང་སྟོབས། ཆིག་སྒྲིལ། རེ་སྨོན་བཅས་ཀྱི་སྟེགས་སུ་སྦྲིམས་ནས། རང་ཡུལ་གངས་ཅན་གྱི་ལྗོངས་སུ་གཞིས་བྱེས་ལྷན་འཛོམས་མྱུར་དུ་ཡོང་བའི་རེ་བ་དེ་ནམ་ཡང་སེམས་ནས་བོར་མི་ཉན། ཚེ་རིང་ལོ་བརྒྱ། ཁ་དགེ་བཀྲ་ཤིས།
ལྷག་པར། ༸གོང་ས་མཆོག་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པའི་སྨོན་འདུན་བཅས་གངས་ཅན་པ་བསོད་ནམས་ཚེ་རིང་གིས་ཚོར་བ་ཤུགས་དྲགས་ཀྱིས་ལྡི་ལི་གཡག་མགྲོན་ཁང་ནས་བྲིས་ཏེ་སྤེལ།

No comments:

བྱམས་བརྩེའི་དྲོད་ཁོལ།

བྱམས་བརྩེའི་དྲོད་ཁོལ།
འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །