གལ་ཆེའི་གནས་ཚུལ་ཕྱོགས་བསྡུས།

དགེ་རྒན་ ༢༡ ལ་དངུལ་ཆད་བཅད་འདུག

རྨ་ཆུ་རྫོང་ཁུལ་གྱི་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་རྒྱ་ནག་གཞུང་ལ་མི་འདོད་པའི་རྣམ་འགྱུར་དང་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། རྒྱ་གཞུང་གིས་བོད་ཡིག་སློབ་འབྲིང་གི་དགེ་རྒན་ ༢༡ ལ་རྒྱ་སྒོར་ཁྲི་གཅིག་ནས་ཁྲི་ ༦ བར་གྱི་ཉེས་ཆད་བཅད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་རྫོང་ཐོག་ཏུ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པར་རྐྱེན་བྱས་ཏེ། རྒྱ་གཞུང་གིས་བོད་ཡིག་སློབ་འབྲིང་གི་སློབ་གཙོ་སྐྱབས་ཆེན་བདེ་གྲོལ་དང་རྡོ་རེད། དེ་བཞིན་རྫོང་ཉེན་རྟོག་པའི་འགན་འཛིན་བཅས་གནད་ཡོད་མི་སྣ་ཁག་ཅིག་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པ་དང་། གནས་ཚུལ་ཁག་ཅིག་ད་ལྟའི་ཆར་ཡང་མུ་མཐུད་བྱུང་དང་འབྱུང་བཞིན་ཡོད་སྟབས། འདི་གའི་གསར་འགོད་པས་ད་ལྟའི་གནས་ཚུལ་ཁག་ཅིག་ཐད་ཁ་པར་བརྒྱུད་རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཉེ་ཆར་གནས་ཚུལ་བྱུང་རྗེས། དེར་ཡོད་སློབ་མ་གཙོས་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་ཁོང་ཚོར་ལས་སྣེ་ཕྱིར་སྤྲོད་བྱེད་དགོས་པའི་རེ་སྐུལ་དང་ངོ་རྒོལ་བྱས་ཡོད་ཀྱང་། རྒྱ་གཞུང་གིས་དེ་དག་ལ་ངོས་ལེན་གཅིག་ཀྱང་མ་བྱས་པར་མ་ཟད།སློབ་གཙོ་གཞོན་པ་དང་བོད་རིགས་སློབ་ཆུང་གི་བོད་ཡིག་དགེ་རྒན་དངུལ་རྭའི་སྟོབས་ལྡན་ལགས། དེ་བཞིན་རྨ་ཆུ་རྫོང་སློབ་འབྲིང་གི་སློབ་མ་ཚེ་རིང་དོན་འགྲུབ་དང་ཐུབ་བསྟན་ཉི་མ་འབོད་པ་བཅས་དགེ་སློབ་ཁག་ཅིག་རྨ་ཆུ་རྫོང་ཐོག་ཏུ་བཀག་ཉར་བྱས་ཡོད་པར་མ་ཟད། ཁོང་ཚོ་སུ་ཡིན་གསལ་ཁ་མེད་ཀྱང་། དེ་རིང་ནས་བཟུང་རྨ་ཆུ་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་རྭ་འཚོགས་ཏེ་བཀག་ཉར་བྱས་ཡོད་པ་རྣམས་ལ་ཁྲིམས་ཐག་གཅོད་རྒྱུ་ཡིན་པའི་གནས་ཚུལ་ཞིག་ཀྱང་གོ་འོང་གི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས་མུ་མཐུད་བརྗོད་དོན། ཉེ་ཆར་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་སློབ་གཙོ་དང་དགེ་རྒན་དག་ལ་ལས་སྣེ་ཕྱིར་སྤྲོད་བྱ་དགོས་པའི་ཐད། རྒྱ་ནག་གཞུང་ལ་ཡང་དང་བསྐྱར་དུ་ངོ་རྒོལ་དང་རེ་བ་བཏོན་ཡང་། གནས་ཚུལ་ལ་བཟང་ཕྱོགས་འགྱུར་བ་ཅི་ཡང་བྱུང་མེད་པར་མ་ཟད། ཉེ་བའི་བདུན་ཕྲག་ནང་སློབ་གྲྭའི་དགེ་རྒན་ ༢༡ ལ་སློབ་མ་ཚོར་འགན་མ་འཁུར་བ་དང་བཟང་ཕྱོགས་ཀྱི་སློབ་གསོ་མ་སྤྲད་པ་སོགས་ཀྱི་སྐོར་བཤད་དེ་རྒྱ་སྒོར་ཁྲི་ ༢ ནས་ཁྲི་དྲུག་བར་གྱི་ཉེ་ཆད་བཅད་ཡོད་འདུག་ལ། ད་ལྟའི་ཆར་སྔོན་ལྟར་དམག་མིའི་མཐའ་བསྐོར་ཏེ་སློབ་གྲྭར་དམ་དྲག་བྱེད་ཀྱི་མེད་ནའང་། སློབ་གྲྭའི་ནང་ནམ་རྒྱུན་གྱི་སློབ་མའི་བསླབ་བྱའི་རིགས་སློབ་སྦྱོང་བྱེད་ཀྱི་མེད་པར། དགེ་སློབ་ཡོངས་ཕྱིར་འགྲོ་བར་བཀག་སྡོམ་བྱས་ཏེ་ཁྲིམས་ལུགས་དང་ཆབ་སྲིད་ཀྱི་སློབ་སྦྱོང་སྤྲོད་ཀྱིན་ཡོད་འདུག་ཅེས་འགྲེལ་བརྗོད་གནང་བྱུང།
དུས་བབ་ལས་བཏོན།

No comments:

བྱམས་བརྩེའི་དྲོད་ཁོལ།

བྱམས་བརྩེའི་དྲོད་ཁོལ།
འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང༌། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །