བསམ་བློའི་ཁ་ཕྱོགས་འཚོལ་བ།
ས་སྒང་རིལ་བུ་འདིའི་སྟེང་དུ། སེམས་ལྡན་གྱི་སྲོག་ཆགས་འདྲ་མིན་སྣ་ཚོགས་ལས་མི་ནི་ཀུན་ལས་རྣམ་དཔྱོད་ཀྱི་རིག་སྟོབས་རྒྱས་པའི་རིགས་ཤིག་ཡིན། འོན་ཀྱང་ཁོ་ཚོའི་བསམ་བློའི་ཁ་ཕྱོགས་མི་འདྲ་བའི་དབང་གིས་འགའ་ཞིག་ནི་ཕྱིའི་ཆ་རྐྱེན་གྱི་ཡོ་བྱད་ལ་རྔམས་ཆགས་སྐྱེས་ཏེ། དེའི་ཁོ་ནས་འཐུས་སྙོམ་པའི་རེ་བ་བྱེད། འགའ་ཤས་ཕུགས་བརྒྱངས་རིང་པོའི་ཀློང་དུ་བདེ་སྐྱིད་ཀྱི་མེ་ཏོག་ཞིག་ཟིལ་བ་ཕྲོམ་མེ་ཡོད་སྙོམ་སྟེ་དེ་ཐོབ་འདོད་ཀྱི་འདུན་པ་སྐྱེད། གང་ལྟར་མི་ཞིག་གི་མི་ཚེའི་ནང་དུ་བདེ་སྐྱིད་ཀྱི་གོ་སྐབས་བརྙེད་ཐུབ་མིན་དེ། སེམས་ཁམས་ཀྱི་ནུས་སྟོབས་ཆེས་ཕུལ་བྱུང་གིས་ནོར་མེད་ལམ་བཟང་སྟེང་དུ་ཐད་ཀར་འཛུམ་མོ་གཙུགས་ཐུབ་དགོས། མི་རེའི་སེམས་ཀྱི་ཀློང་དུ་གང་དུ་དཔྱད་བཟོད་པའི་རང་བཞིན་གྱི་རིག་སྟོབས་ཕུན་སུམ་ཚོགས་པར་དེ་བེད་སྤྱོད་བཟང་ཕྱོགས་སུ་བཀོལ་མ་ཐུབ་པར་ལོག་ལམ་དུ་ཕྱིན་ན། དེ་ནི་ཚེ་གང་པོ་སྡུག་བསྔལ་གྱི་ར་བ་ལས་འདའ་མི་ཐུབ། དེས་ན་དེང་སོང་འབྱོར་ནོར་འཁོ་བསྒྲུབ་ལ་བརྟེན་ནས་ཡིད་ཚིམས་པའི་བདེ་བ་ཡོང་སྙོམ་པའི་རེ་དོགས་བྱེད་མཁན་རྣམས་མཐར་མར་ནོར་རྫས་ཆེར་ཐོབ་ཀྱང་། ཡིད་ཚིམས་ཀྱི་བདེ་སྐྱིད་ནི་སྔ་ལས་ཀྱང་བརྒྱངས་ཐག་རིང་དུ་སོང་སྟབས་སྡུག་གི་ན་བུན་ཡ་ཁོག་ན་འཁྲིགས་ཤིང་། མིག་ཟུང་ལས་མི་མངོན་པའི་མཆི་རྒྱུན་ཉིན་མ་རེ་རེ་བཞིན་མ་ཆད་པ་བཞུད།
Subscribe to:
Posts (Atom)
No comments:
Post a Comment