ངའི་མི་ཚེ་དང་འཚོ་བ།
ང་ནི་རྨི་ལམ་ཐེངས་གཅིག་གི་འོག་ཏུ་མི་ཚེ་ཟད་སོང།
སེམས་པ་གས་ཆག་ཏུ་ཤོར་པའི་རྨ་ཁ་ལས།
ཤེལ་སྒོ་ཆག་ཧྲུག་གིས་བཏུད་པའི་འཛུབ་མོ་བཞིན།
འབུ་སྲིན་གྱིས་བཞུད་ཆོག་པའི་ཁྲག་རྒྱུན་དེ།
ད་དུང་ཆད་མེད་པ་རྗེས་ནས་ཚོར་སོང།
མདོར་ན།
འདོད་ཁམས་སུ་སྐྱེས་ཀྱང་འདོད་ཟས་ཀྱི་རོ་བཅུད་ཕུན་ཚོགས་པ་ཞིག།
ལྗགས་རྩེས་ལེན་མྱོང་མེད་ན།
ཐེ་ཝན་མཚོ་གླིང་ནས་གསང་སྔགས་ཀྱིས།
No comments:
Post a Comment