བྱ་དེ་ཁྲུང་ཁྲུང་དཀར་མོ། །
གཤོག་རྩེ་ང་ལ་གཡར་དང་། །
ཐག་རིང་རྒྱང་ལ་མི་འགྲོ། །
ཕ་མ་མཇལ་ནས་སླེབས་ཡོང་། །
བུ་ང་ས་མཐར་འཁྱམས་ཡིན། །ལ་བརྒྱ་ལུང་བརྒྱ་བསྐོར་ཡིན། །སེམས་པ་ཆགས་སའི་ས་ཆ། །ཕ་ཡུལ་འདྲ་ལེ་མི་འདུག།།
བུ་ང་རྒྱལ་ཁམས་འགྲིམས་ཡིན། །ཕོ་བརྒྱ་མོ་བརྒྱ་ཐུག་ཡིན། །བློ་གཏད་ཆག་སའི་མི་བཟང་། །ཕ་མ་འདྲ་ལེ་མི་འདུག།།
No comments:
Post a Comment